Dzongkha Kuensel

  • English
  • Saturday, September 20th, 2014 - 7:59 PM

    གནས་ཚུལ།

    དབང་བཙོང་འདོད་སྤྱོད་འབད་མི་ ཕོ་སྐྱེས་ཅིག་ལུ་ བཙོན་ཁྲིམས་ལོ་ངོ་༡༥ བཀལ་ཡོདཔ།

    ༉ ཐིམ་ཕུག་རྫོང་ཁག་གི་ ཁྲིམས་ཁྲི་༥ པ་གིས་ སྤྱི་ཟླ་༩ པའི་ཚེས་༡༠ ལུ་ སྐྱེས་ལོ་༢༦ ལང་མི་ ཕོ་སྐྱེས་ཅིག་གིས་ སྐྱེས་ལོ་༡༡ ལང་མི་ བུམོ་ཅིག་ལུ་ དབང་བཙོང་ལུས་འབྲེལ་འབད་བའི་ཤུལ་ལས་ ཨ་ལུ་ཆགས་མི་ལུ་བརྟེན་ བཙོན་ཁྲིམས་ལོ་ངོ་༡༥ བཀལ་ཡོདཔ་ཨིན་པས།

    གནས་ཚུལ།

    སྐྱེས་ལོ་༧༥ ལང་མི་ ཨམ་སྲུ་ཅིག་ སྣུམ་འཁོར་གྱིས་ འཐུ་བཀོག་སྟེ་ ཤི་རྐྱེན་བྱུང་ཡོདཔ།

    ༉ སྤྱི་ཟླ་༩ པའི་ཚེས་༡༧ གྱི་ དྲོ་པའི་ཆུ་ཚོད་༡༡ དེ་ཅིག་ཁར་ ཐིམ་ཕུག་དང་ ཆུ་འཛོམས་ཀྱི་བར་ན་ ཅཱར་ཀི་ལོ་ལུ་ སྣུམ་འཁོར་པི་ཀེན་ཊོ་ཀཱར་༡ ཅིག་གིས་ སྐྱེས་ལོ་༧༥ ལང་མི་ ཨམ་སྲུ་ཅིག་ འཐུ་བཀོག་མི་ལུ་བརྟེན་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།

    གནས་ཚུལ།

    ཨེ་ཤི་ཡཱན་ རྩེད་རིགས་སྣ་ཚོགས་ཀྱི་འགྲན་བསྡུར་ ལྷོ་ཀོ་རི་ཡ་ ཨིན་ཅཱན་ལུ་ འགོ་བཙུགས་ཡོདཔ།

    webunnamedཨེ་ཤི་ཡཱན་ རྩེད་རིགས་སྣ་ཚོགས་ཀྱི་འགྲན་བསྡུར་ནང་ བཅའ་མར་གཏོགས་མི་འབྲུག་གི་ རྩེད་འགྲན་པ་ཚུ།

    ༉ ཨེ་ཤི་ཡཱན་རྩེད་རིགས་སྣ་ཚོགས་ཀྱི་ འགྲན་བསྡུར་ འགོ་བཙུགས་ནིའི་དོན་ལུ་ ཁ་ཙ་ ལྷོ་ཀོ་རི་ཡ་ ཨིན་ཅཱན་ལུ་སྦེ་ ལྷོ་ཀོ་རི་ཡའི་ འགོ་དཔོན་ཚུ་གིས་གཙོས་པའི་ སའུཊ་ཨ་ར་བི་ཡཱ་དང་ ཀ་ཊཱར་ ཕི་ལི་པཱིན་ལས་ རྒྱལ་ཡོངས་ཨོ་ལིམ་པིག་ཚོགས་པའི་ འགོ་དཔོན་ཚུ་གིས་ འགོ་འབྱེད་འབད་ཡོདཔ་ཨིན་པས།

    གནས་ཚུལ།

    གནས་ཚུལ་མདོར་བསྡུས།

    webDSC_4499

    སྤྱི་ཟླ་༩ པའི་ཚེས་༡༧ ལུ་ ཐིམ་ཕུག་བར་སྦིས་ས་ལུ་ བཟོ་སྐྲུན་གྱི་ ལཱ་འབད་མི་ཚུ་གིས་ ལྷའི་བཟོ་བོ་ བི་ཤྭ་ཀརྨའི་ དུས་སྟོན་བརྩི་སྲུང་འབད་ནིའི་དོན་ལུ་ ས་རྐོ་འཕྲུལ་ཆས་ཚུ་ ངལ་འཚོ་བཞག་པའི་མཐོང་སྣང་།

    གནས་ཚུལ།

    དགེ་སློང་ནང་ འཛུལ་ཞུགས་འབད་མིའི་གྱངས་ཁ་ མར་བབས་སོང་མི་གིས་ མི་སྡེ་ལུ་ཚ་གྱང་།

    ༉ དགེ་སློང་ནང་འཛུལ་ཞུགས་འབད་མིའི་གྱངས་ཁ་ མར་བབས་སོང་མི་ལུ་བརྟེན་ རྩི་རང་གི་གྲྭ་ཚང་ནང་ དགེ་སློང་༡༠ གྱི་ ས་སྟོང་ཡོདཔ་ཨིན་པས།

    གནས་ཚུལ།

    རྒྱལ་ས་ལུ་ ཟ་ཁང་ཚུ་ གཙང་སྦྲ་དང་ལྡནམ་སྦེ་ མེད་པའི་མཐོང་གསལ།

    web20140912_175325ཐིམ་ཕུག་གི་ ཟ་ཁང་ཅིག།

    ༉ རྒྱལ་ས་ལྟེ་བ་འདི་ རྫོང་ཁག་༢༠ གི་ ཁྲོམ་ཚུ་དང་ཕྱདཔ་ད་ སྦོམ་ཤོས་ཅིག་ཨིན་པའི་ཁར་ ཧིང་སང་ས་ཅིག་ཨིནམ་སྦེ་ ཆ་བཞག་དོ་ཡོདཔ་ཨིན་རུང་ ཁྲོམ་དེ་ ལྟ་སྐོར་འབད་བའི་སྐབས་ ཟ་ཁང་མང་ཤོས་ཅིག་ནང་ ཟ་འཐུང་གི་རིགས་ཚུ་ གཙང་སྦྲ་དང་ལྡནམ་སྦེ་མེད་པའི་ མཐོང་གསལ་བྱུང་ཡོདཔ་ཨིན་པས།

    མི་མང་བསམ་འཆར།

    ཟད་འགྲོ་ལྕི་རུང་ བསྟན་སྤྱིའི་སྐུ་རིམ་ བསྒྲུབ་གནང་དགོ་པའི་ཞུ་བ།

    ༉ དེང་སང་གི་དུས་ཚོད་ལུ་ འཛམ་གླིང་རྒྱལ་ཁབ་ག་ཏེ་འབད་རུང་ འགྲོ་བ་མིའི་བསོད་ནམས་ ཟད་པའི་དབང་གིས་ ཨ་རྟག་བྱུང་མ་མྱོང་བའི་ ནད་ཡམས་མུ་གེ་དང་ དྲག་ཐོག་དབང་བཙོང་ དམག་འཁྲུག་ དེ་ལས་ འབྱུང་བ་བཞིའི་ རང་བཞིན་གྱི་ རྐྱེན་ངན་ཚུ་ལུ་བརྟེན་ མིའི་ཚེ་སྲོག་དང་ རྒྱུ་དངོས་ཚུ་ལུ་ རྣམ་རྟོག་ལང་སི་སི་སྦེ་ གནད་སྐྱོན་རྐྱབ་པའི་ མཐོང་གསལ་བྱུངམ་མས་ཟེར་ཞུ་ནི།

    གནས་ཚུལ།

    ཞི་གཡོགཔ་ཚུ་གི་དོན་ལུ་ མཐོ་རིམ་ཤེས་ཡོན་སྦྱང་ནིའི་ལམ་ལུགས་ བསྒྱུར་བཅོས་འབད་ཡོདཔ།

    ༉ ད་ལས་ཕར་ ཞི་གཡོག་ནང་ སྡོད་མི་ཚུ་གིས་ མཐོ་རིམ་ཤེས་ཚད་ཀྱི་ སློབ་སྦྱོང་སྦྱང་བར་ འགྱོ་བའི་སྐབས་ གཞུང་ལས་ ཟླ་རིམ་དངུལ་ཕོགས་ཚུ་ མི་བྱིན་ནི་དང་ ཁོང་རའི་ལཱ་གཡོག་ཚུ་ཡང་ ཉེན་སྲུང་ཐོག་ མི་བཞག་ནི་ཨིན་པས།

    གནས་ཚུལ།

    མི་དབང་མཆོག་གིས་ ཁྱིམ་གུང་པ་༦,༧༡༨ ལུ་ ས་ཆའི་སྐྱིད་སྡུག་གནང་ཡོདཔ།

    web20140916-907A6170སྤྱི་ཟླ་༩ པའི་ཚེས་༡༦ ལུ་ གཞལམ་སྒང་ལུ་ ལྟོ་ཁ་གནང་པའི་སྐབས་ བུམོ་ཅུང་ཅིག་གིས་ མི་དབང་རྒྱལ་བཙུན་མཆོག་ལུ་ མེ་ཏོག་ཕུལ་བའི་བསྒང་།

    ༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གཞལམ་སྒང་ལུ་ ས་ཚབ་ཀྱི་ ཐོབ་ལམ་ཡོད་མི་ཚུ་རྩིས་ཏེ་ ཁྱིམ་གུང་པ་༦,༧༡༨ ལུ་ ས་ཆའི་སྐྱིད་སྡུག་ གནང་ཡོདཔ་ཨིན་པས།

    གནས་ཚུལ།

    གནས་སྐབས་ཅིག་གི་དོན་ལུ་ སློབ་གྲྭའི་བཟོ་སྐྲུན་ལཱ་ བཀག་ཆ་འབད་ཡོདཔ།

    webIMG_20140915_122415སྤུས་ཚད་དང་མ་ལྡན་པའི་ མནྜལ་སྒང་སློབ་གྲྭ་ཆུང་བའི་ བཟོ་སྐྲུན་ལཱ་།

    ༉ རྩི་རང་རྫོང་ཁག་གི་ སྤུས་ཚད་ལྟ་རྟོག་སྡེ་ཚན་གྱིས་ ན་ཧིང་ལས་ འགོ་བཙུགས་ཏེ་ བཟོ་སྐྲུན་གྱི་ སྤུས་ཚད་ལྟ་རྟོག་འབད་ནི་ འགོ་བཙུགས་པའི་ཤུལ་ལས་ སྤྱི་ཟླ་༩ པའི་ཚེས་༡༥ ལུ་ མནྜལ་སྒང་སློབ་གྲྭ་ཆུང་བའི་ བཟོ་སྐྲུན་གྱི་ལཱ་དེ་ གནས་སྐབས་ཅིག་གི་དོན་ལུ་ བཀག་ཆ་འབད་ཡོདཔ་ཨིན་པས།