Dzongkha Kuensel

  • English
  • Tuesday, October 21st, 2014 - 3:40 AM

    གནས་ཚུལ།

    གནས་ཚུལ་མདོར་བསྡུས།

    web20141018_093325-1

    སྤྱི་ཟླ་༡༠ པའི་ཚེས་༡༨ ལུ་ རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་དབུ་གཙོས་པའི་ དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་ ཡང་སྲིད་དང་ བླམ་བསོད་ནམས་བཟང་པོའི་ཡང་སྲིད་ཀྱིས་ སྤ་རོ་ཅེ་ལེ་ལ་ལུ་ རི་བོ་བསངས་མཆོད་གནང་ཡོད་པའི་གནས་ཚུལ།

    གནས་ཚུལ།

    ཅང་གི་རྒཔོ་བགྲེསཔ་དང་ ས་ཁྲམ་མདོ་ཆེན་བགྲེསཔ་ དོ་དམ་འོག་ལུ་བཞག་ཡོདཔ།

    ༉ ས་ཆ་དང་འབྲེལ་བའི་ ངན་ལྷད་ཀྱི་ རྩོད་དོན་ནང་ འབྲེལ་གནད་ཡོད་མི་ལུ་བརྟེན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཐིམ་ཕུག་ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་བཞག་མི་ ཅང་རྒེད་འོག་གི་རྒཔོ་བགྲེསཔ་ གནག་ཀུ་དེ་ སྨན་ཁང་ནང་བསྐྱལ་ཡོདཔ་ཨིན་པས།

    གནས་ཚུལ།

    ཁམས་དྭངས་གཡུས་ཚན་ནང་ ལོ་༣ གྱི་ཤུལ་ལས་ ལོག་ལྕང་ལཱ་རྐྱབ་ཚུགས་ཡོདཔ།

    paddyཁམས་དྭངས་ཀྱི་ སོ་ནམ་ཞིང་པ་ཚུ་ འབྱ་བརྔ་བའི་བསྒང་།

    ༉ བཀྲིས་གཡང་རྩེ་ ཁམས་དྭངས་རྒེད་འོག་ནང་ ལོ་༣ དེ་ཅིག་གི་རིང་ ཞིང་ཆུ་ལང་མ་ཚུགས་ནི་དེ་གིས་ འབྱ་འཛུགས་སྐྱོང་འབད་མ་ཚུགས་པར་ ཞིང་ཚུ་ སྟོངམ་ལུས་ཡོདཔ་ཨིན་རུང་ དུས་ཅི་ལས་ ལོག་སྟེ་ ལྕང་ལཱ་རྐྱབ་ཚུགས་མི་ལུ་བརྟེན་ འབྱ་བསྡུ་ཚུགསཔ་ལས་ སོ་ནམ་པ་ཚུ་ སེམས་དགའ་ཡོདཔ་ཨིན་པས།

    གནས་ཚུལ།

    ཐགས་རིགས་ལུ་བརྟེན༌ དཀའ་ངལ་མེད་པའི་དྲན་ཚོར།

    IMG_5915མེ་མེ་ཞི་ལྷ།

    ༉ ལྷུན་རྩེ་ ཀུར་སྟོད་ལས་ སྐྱེས་ལོ་༦༠ རེ་གྲངས་ནང་འབད་མི་ མེ་མེ་ཞི་ལྷ་དེ་ ད་རེས་ནངས་པ་ ཐགས་འཐག་མི་ཚུ་གི་གྲས་ལས་ ཡོངས་གྲགས་ཅན་ཅིག་ལུ་ གྱུར་ཡོདཔ་ཨིན་པས། མེ་མེ་ཞི་ལྷ་གིས་ སླབ་མིའི་ནང་ ཁོ་གིས་ སྐྱེས་ལོ་༡༢ དེ་ཅིག་ལས་ གཞན་ཚུ་གིས་ ཐགས་འཐག་ས་བལྟ་ཡི་ར་ སློབ་དཔོན་ག་ལུ་ཡང་ མ་བསྟེན་པར་ སྐྱེས་ལོ་༡༣ དེ་ཅིག་ལས་ ཐགས་ཀྱི་རིགས་ཚུ་ འཐག་ཤེས་ཅི་ཟེར་ཨིནམ་ད་ ལོ་ངོ་༡༠ དེ་ཅིག་ གཡུས་ཁ་ར་ ཐགས་འཐག་སྡོད་ཅི་ཟེར་ཨིན་པས།

    གནས་ཚུལ།

    འབྲུག་གི་ཇོ་མོ་ལྷ་རིའི་གངས་རི་ལུ་ ལྟ་བཤལཔ་ཡར་སེང་འབད་ནིའི་ཐབས་ལམ།

    webtourists..ཨཱསི་ཊི་ལི་ཡ་ལས་ཨིན་མི་ ཝི་ཝི་ཡཱན་བེ་རི།

    ༉ རྒྱལ་ཁབ་ཀྱི་གངས་རི་ཚུ་གི་གྲས་ལས་ མཐོ་ཤོས་ཨང་༢ པ་ཨིན་མི་ གངས་ཆེན་ཇོ་མོ་ལྷ་རི་ལུ་ གནམ་སེར་ཁའི་ དུས་ཚོད་འ་ནེམ་ཅིག་ཁར་ ཕྱི་རྒྱལ་གྱི་ ལྟ་བཤལ་པ་ ལེ་ཤ་འོང་དོ་ཡོདཔ་བཞིན་དུ་ ད་རེས་ནངས་པ་ཡང་ གངས་རི་གི་ཉེ་འདབས་ལུ་ ལྟ་བཤལཔ་བརྒྱ་ལས་བཅད་དེ་ མཐོང་དོ་ཡོདཔ་ཨིན་པས།

    གནས་ཚུལ།

    ལ་ཡའི་ལམ་སྲོལ་དང་ བཟོ་བཀོད་ཚུ་ བསྒྱུར་བཅོས་འགྱོ་དོ་ཡོདཔ།

    webIMG_4735གནས་ལུ་ལུ་ ཤར་ཕྱོགསཔ་བཟོ་བོ་ཚུ་གིས་ ཀུན་ལེགས་སྲིད་ཐར་གྱི་ ཁྱིམ་རྐྱབ་པའི་བསྒང་།

    ༉ རྒྱ་མཚོའི་གནས་ཚད་ལས་ མཐོ་ཚད་མི་ཊར་༣,༨༤༠ དེ་ཅིག་ཁར་ ཆགས་ཡོད་མི་ མགར་ས་རྫོང་ཁག་གི་ ལ་ཡའི་གཡུས་ཚན་ནང་ གོང་འཕེལ་གྱི་ འགྱུར་བ་དང་འཁྲིལ་ ལ་མཐོ་སའི་ བཟོ་བཀོད་དང་ གོམས་གཤིས་ཚུ་ མར་ཉམས་འགྱོ་བའི་ མཐོང་གསལ་བྱུངམ་ཨིན་པས།

    རྩོམ་སྒྲིག་པའི་སྣང་འཆར།

    དགའ་སྐྱིད་དང་ རྒྱབ་འགལ་འགྱོ་བའི་མངོན་གསལ།

    ༉ འབྲུག་རྒྱལ་ཁབ་འདི་ འཛམ་གླིང་ནང་ སྙན་གྲགས་འགྱོ་མིའི་ གནད་དོན་ཅིག་ གོང་འཕེལ་གྱི་ལྟ་བ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལུ་ གཞི་བཞག་ནི་དེ་གིས་ འཛམ་གླིང་གི་ མིག་དཔེ་བཟང་པོ་ཅིག་ལུ་ གྱུར་ཡོད་ནི་དེ་གིས་ཨིན།

    གནས་ཚུལ།

    ལའུ་རི་གི་ མི་སེར་ཚུ་གི་གྲས་ལུ་ མགྲོན་སྐྱོང་གི་ དཔེ་བཟང་པོ་ཅིག་ཡོདཔ།

    webSC_6042གཡུས་མི་ཚུ་གིས་ གཡུས་ཚན་ནང་འོང་མི་ གཞུང་གི་འགོ་དཔོན་ཚུ་ལུ་ ཚོགས་ཆང་འགོ་འདྲེན་འཐབ་པའི་བསྒང་།

    ༉ བསམ་གྲུབ་ལྗོངས་མཁར་ ལའུ་རི་རྒེད་འོག་ དུང་མཱན་མ་གཡུས་ཚན་ནང་ ལྷོད་ནི་གི་དོན་ལུ་ སྣུམ་འཁོར་ལམ་ཁར་ལས་ གྱེན་འཛེགས་ཏེ་ དུས་ཡུན་ཆུ་ཚོད་ལས་བཅད་དེ་ ལམ་འགྱོ་དགོ་དོ་ཡོད་རུང་ གཡུས་ཚན་དེ་ནང་ ལྷོད་པའི་བསྒང་ལས་ མི་ཚུ་གིས་ དགའ་འཛུམ་དང་བཅསཔ་སྦེ་ གདོང་བསུ་འབད་དོ་ཡོདཔ་ལས་ འུ་སྡུག་ཐང་ཆད་བྱུང་མི་ཚུ་ཡང་ སངས་འགྱོ་དོ་ཡོདཔ་ཨིན་པས།

    གནས་ཚུལ།

    ན་གཞོན་དང་ ཉམ་ཆུང་ཚུ་ལུ་ འཇིམ་བཟོའི་སྦྱོང་བརྡར།

    webIMG_8957སྐྱེས་ལོ་༤༠ ལང་མི་ འཇིམ་བཟོཔ་ཟླ་བ་གིས་ སྟོན་པའི་སྐུ་འདྲ་བཞེངས་པའི་བསྒང་།

    ༉ བཀྲིས་གཡང་རྩེ་ སྟོད་ཚོ་རྒེད་འོག་ལས་ཨིན་མི་ སྐྱེས་ལོ་༤༠ ལང་མི་ འཇིམ་བཟོཔ་ཟླ་བ་གིས་ ལོ་ན་ཆུ་ཀུའི་བསྒང་ལས་ར་ འཇིམ་བཟོའི་ལཱ་ནང་ བརྩོན་ཤུགས་བསྐྱེད་དེ་ ལྷབ་པའི་ཤུལ་ལས་ ད་རེས་ ཁོ་གིས་ ན་གཞོན་དང་ ཉམ་ཆུང་ཚུ་ལུ་ འཇིམ་བཟོའི་སྦྱོང་བརྡར་དུམ་གྲ་རེ་ བྱིན་དོ་ཡོདཔ་ཨིན་པས།

    གནས་ཚུལ།

    དྲགོས་ཤིང་མཁར་བླམ་གཤགས་ཡོདཔ།

    webapa-now

    ༉ སྤྱི་ལོ་༡༩༤༤ ལས་༡༩༨༥ ཚུན་ ལོ་ངོ་༤༡ གི་རིང་ རྒྱལ་བརྒྱུད་རིམ་བྱོན་གསུམ་ལུ་ ཕྱག་ཞུ་མི་ ཡོངས་གྲགས་ལུ་ ཤིང་མཁར་བླམ་ཟེར་ཞུ་མི་ དྲགོས་ཀུན་བཟང་དབང་ཕྱུག་དེ་ སྤྱི་ཟླ་༡༠ པའི་ཚེས་༡༦ གི་ཕྱི་རུ་ ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་སྦེ་ གཤགས་སོཔ་ཨིན་པས།