Dzongkha Kuensel

  • English
  • Wednesday, April 23rd, 2014 - 8:20 PM

    གཟའ་སྐར།

    སྤྱི་ལོ་༢༠༡༤ ཟླ་༤ པའི་ཚེས་༢༤ ལས་༢༧ ཚུན་གྱི་ གཟའ་སྐར་བཟང་ངན།

    རང་ཟླ་༢ པའི་ཚེས་༢༥། སྤྱི་ལོ་༢༠༡༤ ཟླ་༤ པའི་ཚེས་༢༤། རེས་གཟའ་པ་སངས། སྐར་མ་མོན་དྲེ། ཉིནམ་ས་སྤྲེལ། རྟེན་འབྲེལ་ཚོར་བ། འཕྲོད་སྦྱོར་ས་ཆུ་ཕྲད་པ། ཉིནམ་འདི་ཁར་ གཟའ་སྐར་འཕྲོད་སྦྱོར་བཟང་བའི་ཁར་ མར་ངོའི་དུས་བཟང་ཡང་ཕོགཔ་ལས་ ཕྱག་མཆོད་སྦྱིན་གཏོང་ལ་སོགས་པའི་ཚོགས་འཁོར་བསྐོར་ནི་དང་ རྒྱལ་བའི་གསུང་རབ་ལྷག་ནི་ སྡོད་གནས་སྤོ་ནི་ ཁྱིམ་གསར་པའི་ནང་འཛུལ་ནི་ ཚོང་ལཱ་གསརཔ་འགོ་བཙུགས་ནི་ ལེགས་པའི་བསྟུན་གྲོས་འབད་ནི་ ཡིག་ཚང་རྩིས་སྤྲོད་ལེན་འབད་ནི་ གོ་གནས་གསར་བསྐོ་འབད་ནི་ ཞིང་ཁར་སོན་བཏབ་ནི་དང་ སྐྱེ་ཤིང་མེ་ཏོག་བཙུགས་ནི་ཚུ་ ལེགས་ཤོམ་ཡོད་རུང། རབ་གནས་དང་ གཉེན་གྱི་དགའ་སྟོན་ རྟེན་འབྲེལ་བརྩི་ནི་ཚུ་ མི་བཏུབ་པས། མཁའ་འགྲོའི་རྒྱུ་ལམ་ དུས་འཁོར་ལས་ ནུབ་བྱང་དང་ དབྱངས་འཆར་ལས་ བྱང་ཁ་ཐུག་ལུ་ཕོགཔ་ཨིན་པས།

    རྩོམ་སྒྲིག་པའི་སྣང་འཆར།

    སྔ་གོང་ལས་ བཀག་ཆ་མ་འབད་བའི་མངོན་གསལ།

    ༉ ད་རེས་ནངས་པ་ ཀྲོང་གསར་རྫོང་ཁག་ཁྲིམས་འདུན་ནང་ གླང་མཐིལ་རྒེད་འོག་ལས་ ཁྱིམ་གུང་༡༢ ཀྱི་ ཇོ་བདག་ཚུ་དང་ རྫོང་ཁག་བདག་སྐྱོང་གི་བར་ན་ འཁོར་ལམ་གྱི་ ཐོབ་དབང་སྐོར་ རྩོད་གཞི་ཕྱེ་བའི་བསྒང་འདུག།

    གནས་ཚུལ།

    གློག་མེ་ལས་འགུལ་ གོང་འཕེལ་བཏང་ཐབས་ལུ་ ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ།

    webDSC_0155བསྟན་རྒྱས་ལྷན་ཁག་གི་དྲུང་ཆེན་ དྲགོས་བསོད་ནམས་ཚེ་རིང་དང་ རྒྱ་གར་གཞུང་གི་ གློག་མེ་ལྷན་ཁག་གི་དྲུང་ཆེན་ ཤི་རི་པི་ཀེ་ སིན་ཧ་༢ ཀྱིས་ ཡིག་ཆ་རྗེས་སོར་འབད་བའི་བསྒང་།

    ༉ ཁ་ཙ་ ཐིམ་ཕུག་ལུ་སྦེ་ རྒྱ་གར་གཞུང་དང་ འབྲུག་གཞུང་༢ ཀྱི་བར་ནའི་ མི་མང་ལས་སྡེ་ཐོག་ལས་ མཉམ་འབྲེལ་གྱི་ གློག་མེ་ལས་འགུལ་ གོང་འཕེལ་གཏང་ནིའི་དོན་ལུ་ གཞུང་ནང་འཁོད་ཀྱི་ཆིངས་ཡིག་དེ་ སྟན་རྒྱས་ལྷན་ཁག་གི་ དྲུང་ཆེན་ དྲགོས་བསོད་ནམས་ཚེ་རིང་དང་ རྒྱ་གར་གཞུང་གི་ གློག་མེ་ལྷན་ཁག་གི་དྲུང་ཆེན་ ཤི་རི་པི་ཀེ་ སིན་ཧ་༢ ཀྱིས་ མཚན་རྟགས་བཀོད་ཡོདཔ་ཨིན་པས།

    གནས་ཚུལ།

    ཁང་གླར་བཙུགས་ནིའི་ ལག་ཁྱེར་བསྐྱར་གསོའི་དུས་ཡུན་ བསྒྱུར་བཅོས་འབད་ནི་ལུ་ བལྟ་དོ་ཡོདཔ།

    ༉ ཐིམ་ཕུག་ཁྲོམ་ཁར་ སྒྲིང་ཁྱིམ་རྐྱབ་མི་ཚུ་གིས་ ཁང་གླར་སྡོད་མི་ཚུ་བཙུགས་ནིའི་ ལག་ཁྱེར་ཚུ་ བསྐྱར་གསོ་འབད་ནིའི་ དུས་ཡུན་དེ་ ལོག་བསྐྱར་ཞིབ་འབད་ནི་ལུ་ བལྟ་དོ་ཡོདཔ་ཨིན་པས། དེ་ཡང་ ཧེ་མ་འབད་བ་ཅིན་ སྒྲིང་ཁྱིམ་ཚུ་ ཚར་ཅིག་རྐྱབ་ཚར་ཞིནམ་ལས་ འགོ་དང་པ་ ཁང་གླར་སྡོད་མི་ཚུ་ བཙུགས་ནིའི་ལག་ཁྱེར་ ཚར་ཅིག་ལས་ ལེན་མ་དགོཔ་ཨིན་རུང་ སྤྱི་ལོ་༢༠༡༢ ལས་འགོ་བཙུགས་ ལག་ཁྱེར་ཚུ་ ལོ་བསྟར་བཞིན་དུ་ བསྐྱར་གསོ་འབད་དགོ་པའི་ ཁྲིམས་ལུགས་བཟོ་ཡོདཔ་ཨིན་པས།

    གནས་ཚུལ།

    སྒྲིང་ཁྱིམ་༣ མེ་གིས་འཚིགས་ཏེ་ བཟའ་ཚང་༤ ལུ་ སྡོད་གནས་མེདཔ་བཟོ་ཡོདཔ་།

    night scene2སྤྱི་ཟླ་༤ པའི་ཚེས་༢༡ གི་ནུབ་མོར་ སྒྲིང་ཁྱིམ་ མེ་འབར་བའི་བསྒང་།

    མེ་རྐྱེན་དེ་ གློག་མེ་ལས་སྦེ་ ཟུན་ཡོདཔ་བཟུམ་འདུག་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས། ༉ སྤྱི་ཟླ་༤ པའི་ཚེས་༢༡ གི་ནུབ་མོར་ དགེ་ལེགས་ཕུག་ཁྲོམ་ཁར་ མེ་རྐྱེན་བྱུང་སྟེ་ སྒྲིང་ཁྱིམ་༣ འཚིགས་སོཔ་ལས་ དེ་ནང་ ཁང་གླ་ཁར་སྡོད་མི་ བཟའ་ཚང་༤ གི་ སྡོད་གནས་མེདཔ་ བཟོ་ཡོདཔ་མ་ཚད་ ཁོང་གི་ ཁྱིམ་ནང་གི་ ཅ་ཆས་ཚུ་ག་ར་ འཚིགས་ཡོདཔ་ཨིན་པས།

    གནས་ཚུལ།

    ལམ་གྱི་ཐོབ་དབང་ལུ་ ཆ་གནས་མ་འབད་མི་ ཁྱིམ་གྱི་ཇོ་བདག་༡༢ ཁྲིམས་འདུན་ལུ་བསྐྱལ་ཡོདཔ།

    ༉ ཀྲོང་གསར་གླང་མཐིལ་རྒེད་འོག་ནང་ ཁྱིམ་གྱི་ཇོ་བདག་༡༢ ཀྱིས་ ལམ་གྱི་བཅའ་ཁྲིམས་ལུ་ གནས་མ་བཏུབ་མི་ལུ་བརྟེན་ ཟླཝ་འདི་གི་སྔ་ཆ་ལུ་ རྫོང་ཁག་གིས་ ཁྱིམ་ཇོ་བདག་ཚུ་ ཁྲིམས་འདུན་ལུ་ བསྐྱལ་ཡོདཔ་ཨིན་པས།

    གནས་ཚུལ།

    ཀཱེ་ནི་ ཌིས་ཊེམ་པར་ཟེར་མི་ རོ་ཁྱིའི་ནད་གཞི་ལུ་བརྟེན་ རོ་ཁྱི་༡༠༠ དེ་ཅིག་ཤི་ཡོདཔ།

    webtreatment-to-the-dogsནད་གཞི་ལས་ སྔོན་འགོག་འབད་ནིའི་དོན་ལས་ རོ་ཁྱི་ཚུ་ལུ་ སྨན་ཁབ་བཙུགས་པའི་བསྒང་།

    ༉ མོང་སྒར་རྒྱལ་པོའི་ཞིང་ཁྲོམ་ཁར་ ཀཱེ་ནི་ ཌིས་ཊེམ་པར་ཟེར་མི་ རོ་ཁྱིའི་ནད་གཞི་ ཐོན་ཡོདཔ་ལས་བརྟེན་ ད་ལྟོ་ཚུན་ རོ་ཁྱི་༡༠༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ ནད་གཞི་དེ་ཡང་ སྤྱི་ཟླ་༤ པའི་ཚེས་༢ དེ་ཅིག་ལས་ འཐོན་ནི་འགོ་བཙུགས་ཡོདཔ་ཨིན་པས།

    གནས་ཚུལ།

    མགྱོགས་ལམ་ཁར་ སྣུམ་འཁོར་གྱིས་ ཨམ་སྲུ་ཅིག་འཐུ་བཀོག་ཡོདཔ།

    ༉ སྤྱི་ཟླ་༤ པའི་ཚེས་༢༡ གི་ ཕྱི་རུའི་ཆུ་ཚོད་ ཕྱེད་དང་༩ དེ་ཅིག་ཁར་ ཐིམ་ཕུག་ ཨོ་ལ་ཁའི་མགྱོགས་ལམ་བདའ་སྟེ་ ཨམ་སྲུ་ཅིག་གིས་ ལམ་རྐེདཔ་བཏོགས་འགྱོཝ་ད་ སྣུམ་འཁོར་བོ་ལེ་རོ་གིས་ འཐུ་བཀོག་ཡོདཔ་ལས་ ཨམ་སྲུ་དེ་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ སྨན་བཅོས་འབད་བའི་བསྒང་ ཡོདཔ་ཨིན་པས།

    གནས་ཚུལ།

    ཐོར་ཐོར་མི་ཁྱེགས་མཚོའི་གནས་ཚད་ ད་རུང་ མར་ཕབ་འབད་ནི།

    weblake-thor-thormi-ཐོར་ཐོར་མི་ཁྱེགས་མཚོ།

    ༉ འཛམ་གླིང་ནང་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་པའི་ གནོད་སྐྱོན་བྱུང་མི་ལུ་ གདོང་ལེན་འབད་ནིའི་དོན་ལས་ མ་དངུལ་མཐོ་ཤོས་ཅིག་ཨིན་མི་ ཡུ་ཨེསི་ཌོ་ལར་ས་ཡ་༧.༡༢ ཀྱི་ཐོག་ལས་ འཕྲལ་མགྱོགས་ར་ སྤུ་ན་ཕོ་ཆུའི་ རྐ་འགོ་ལུ་ཡོད་མི་ ཐོར་ཐོར་མི་ཁྱེགས་མཚོའི་གནས་ཚད་ མར་ཕབ་འབད་ནིའི་ལས་འགུལ་དེ་ ལོག་འགོ་བཙུགས་ནི་ཨིན་པས།

    གནས་ཚུལ།

    དཀར་སྦྱིས་ས་ལུ་ སྣུམ་འཁོར་བཅགས་དཀྲུམས་ཀྱི་ བྱ་ངན་འབད་མི་ མང་སུ་ཐོན་དོ་ཡོདཔ།

    ༉ ཐིམ་ཕུག་དཀར་སྦྱིས་ས་དང་ སྐུ་བཞུགས་ཅན་གྱི་ ས་ཁོངས་ནང་ ཟླ་ངོ་གཉིས་ཀྱི་ནང་འཁོད་ལུ་ སྣུམ་འཁོར་༥ གི་ སྒོ་སྒྲིག་ཤེལ་ཚུ་ བཅགས་དཀྲུམས་འབད་ཡོདཔ་ད་ དེ་གི་གྲས་ལས་ སྣུམ་འཁོར་༢ ཁོང་རའི་སྒེར་གྱི་ སྣུམ་འཁོར་བཞག་སའི་ས་ཁོངས་ནང་ལས་ བཏོན་བདའ་ཐོག་ལས་ བཅགས་ཡོདཔ་མ་ཚད་ གཞན་མི་༣ དེ་ སྣུམ་འཁོར་ལམ་གྱི་ཟུར་ཁ་ བཀག་བཞག་ས་ལུ་ར་ དཀྲུམས་ཡོདཔ་ཨིན་པས།